协会简介
西藏自治区保险行业协会(藏文名称为བོད་རང་སྐྱོང་ལྗོངས་འགན་བཅོལ་ལས་རིགས་མཐུན་ཚོགས། 英文名称为Insurance Association of Tibet,缩写为IAT)成立于2008年9月,是依照国务院颁行的《社会团体登记管理条例》在西藏自治区民政厅登记注册的社团法人。
བོད་རང་སྐྱོང་ལྗོངས་འགན་བཅོལ་ལས་རིགས་མཐུན་ཚོགས་(གཤམ་དུ་ངེད་མཐུན་ཚོགས་ཅེས་བསྡུ་རྒྱུ། དབྱིན་ཡིག་མིང་ལ་Insurance Association of Tibetདང་། བསྡུ་བྲིས་IATཡིན།)ནི་སྤྱི་ལོ་༢༠༠༨ལོའི་ཟླ་བ་༩པར་དབུ་བརྙེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་སྤེལ་གནང་བའི་<སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིག>གཞིར་བཟུང་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་ཐོ་འགོད་བྱས་པའི་སྤྱི་ཚོགས་ཚོགས་པའི་ཁྲིམས་ཚན་ཞིག་ཡིན།
本会接受业务主管单位国家金融监督管理总局西藏分局和登记管理机关西藏自治区民政厅的业务指导和监督管理。
ངེད་མཐུན་ཚོགས་ཀྱིས་ལས་སྒོ་གཙོ་གཉེར་སྡེ་ཚན་ཏེ་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་བོད་ལྗོངས་ལྟ་སྡོམ་ཅུད་དང་ཐོ་འགོད་དོ་དམ་ལས་ཁུངས་ཏེ་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ལས་སྒོའི་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་དང་ལེན་བྱེད་ཀྱི་ཡོད།
本会是由西藏自治区内的商业保险机构加入和保险中介机构及行业相关服务机构自愿加入结成的行业自律性质的非营利社会团体。
ངེད་མཐུན་ཚོགས་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཚོང་ལས་འགན་བཅོལ་སྒྲིག་གཞི་ཚང་མའི་ཐོག འགན་བཅོལ་མཚམས་སྦྱོར་སྒྲིག་གཞི་དང་འགན་བཅོལ་ལས་རིགས་འབྲེལ་ཡོད་ཞབས་ཞུའི་སྒྲིག་གཞི་རང་མོས་ངང་ཞུགས་ཏེ་གྲུབ་པའི་ལས་རིགས་རང་གཅུན་རང་བཞིན་གྱི་ཁེ་གཉེར་མིན་པའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན།
本会宗旨:深入贯彻毛泽东思想、邓小平理论、“三个代表”重要思想、科学发展观、习近平新时代中国特色社会主义思想,依据《中华人民共和国保险法》,督促会员自律,维护行业利益,促进行业发展,为会员提供服务,促进市场公开、公平、公正,全面提高保险业服务社会主义经济社会的能力。
ངེད་མཐུན་ཚོགས་ཀྱི་རྩ་འཛིན། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགན་བཅོལ་བཅའ་ཁྲིམས>གཞིར་བཟུང་། ཚོགས་མིའི་རང་གཅུན་ལ་སྐུལ་འདེད་གཏོང་བ། ལས་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་། ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད། ཚོགས་མིར་ཞབས་ཞུ་མཁོ་འདོན་བཅས་བྱས་ནས། ཁྲོམ་རའི་ཡོངས་གྲགས་དང་། དྲང་སྙོམས། དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འགན་བཅོལ་ལས་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་ནུས་པ་གོང་མཐོར་གཏོང་རྒྱུ་བཅས་ཡིན།