当前位置: 主页 > 视频专栏

7.8主题海报2

发布时间:2024-02-21 13:18:06 人气: 作者:小编


海报主题:7.8保险

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ།  7.8འགན་བཅོལ།

7.8-1-横藏.jpg

海报以7.8标识、火箭、高铁、飞机等为主元素,展现出国家蓬勃发展和民族振兴,远处的光芒、跑道和盾牌代表保险业主动作为、胸怀大局、勇担责任,彰显保险力量,给人带来信任和信心。
བརྡ་སྦྱོར་འདིར་ཨང་ཀི་7དང་8མཚོན་རྟགས་གཙོ་བོར་བྱས་ཤིང་། མེ་ཤུགས་འཕུར་མདའ་དང་། མྱུར་བགྲོད་མེ་འཁོར། གནམ་གྲུ་སོགས་གྲུབ་ཆ་གཙོ་བོར་བྱས་ཏེ། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་རིགས་དར་རྒྱས་ཀྱི་རྣམ་པ་མཚོན་པར་བྱས་ཡོད། རྒྱང་རིང་གི་འོད་ཟེར་དང་རྒྱུག་ལམ། ཕུབ་བཅས་ཀྱིས་འགན་བཅོལ་ལས་རིགས་ཀྱིས་རང་འགུལ་ལས་སྒྲུབ་དང་། སྤྱི་ཡོངས་བསམ་བཀོད་ཐུབ་པ། འགན་འཁྲི་འཁུར་ཕོད་པ་བཅས་མཚོན་ཏེ། འགན་བཅོལ་གྱི་སྟོབས་ཤུགས་མངོན་པར་བྱས་ནས་སྐྱེ་བོ་རྣམས་ལ་ཡིད་ཆེས་དང་སེམས་ཤུགས་སྦྱིན་བཞིན་ཡོད།

海报主题:守护美好

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ།  བདེ་སྐྱིད་སྲུང་སྐྱོང་།

7.8-2-横藏2.jpg


海报以各行各业新市民形象为主元素,以手绘形式,展现新市民在保险有力保障的基础上努力奋斗、拼搏向上的精神风貌,凸显中国保险业以高质量服务守护新市民美好生活。
བརྡ་སྦྱོར་འདི་ནི་ལས་རིགས་འདྲ་མིན་གྱི་གྲོང་མིའི་རྣམ་པ་གྲུབ་ཆ་གཙོ་བོར་བྱས་ཤིང་། ལག་བྲིས་ཀྱི་རྣམ་པའི་ཐོག་ནས། གྲོང་མི་གསར་པ་རྣམས་འགན་བཅོལ་གྱི་ནུས་ལྡན་འགན་སྲུང་ཡོད་པའི་རྨང་གཞིའི་ཐོག་འབད་པ་ལྷུར་ལེན་དང་། སྙིང་རུས་ཡར་བརྩོན་བྱེད་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཏེ། ཀྲུང་གོའི་འགན་བཅོལ་ལས་རིགས་ཀྱིས་སྤུས་ཚད་མཐོ་བའི་ཞབས་ཞུའི་ཐོག་ནས་གྲོང་མི་གསར་པའི་བདེ་སྐྱིད་འཚོ་བར་འགན་སྲུང་བྱེད་པ་འབུར་བཏོན་བྱས་ཡོད།

海报主题:乡村振兴

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ། གྲོང་གསེབ་དར་རྒྱས།

7.8-3-横藏.jpg

海报以丰收的田野为背景,画面温暖祥和,画中的农民笑逐颜开,带着满满的收获的喜悦和对未来的美好憧憬点赞加油。在风吹麦浪间,在农民的笑容里,都有保险助推乡村振兴、保障粮食安全的一份重要力量。
བརྡ་སྦྱོར་འདིའི་རྒྱབ་ལྗོངས་ནི་ལོ་ལེགས་བྱུང་བའི་ས་ཞིང་ཡིན་ཞིང་། རི་མོ་ཁྱོན་ལས་དྲོ་སྐྱིད་དང་བཀྲ་ཤིས་པའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་ཚོར་ཐུབ། རི་མོའི་ནང་གི་ཞིང་པས་ལོ་ལེགས་ཀྱི་འཛུམ་མདངས་སྟོན་ཞིང་རེ་བས་ཁེངས་པའི་འབྱུང་འགྱུར་ལ་མཐེ་བོར་ཀེར་ནས་མོས་བསྟོད་དང་ཤུགས་རྒྱག་བཞིན་ཡོད། རླུང་གིས་དར་བུར་གཡོ་བའི་སྙེ་རླབས་དང་། ཞིང་པའི་དགའ་སྤྲོའི་བཞིན་མདངས་ཁྲོད་དུ། འགན་བཅོལ་གྱིས་གྲོང་གསེབ་དར་རྒྱས་དང་འབྲུ་རིགས་བདེ་འཇགས་འགན་སྲུང་ཐད་ལ་བཏོན་པའི་གལ་ཆེའི་སྟོབས་ཤུགས་རེ་སིམས་ནས་མཆིའོ། །

海报主题:智慧城市

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ།  རིག་ནུས་གྲོང་ཁྱེར།

7.8-4-横藏.jpg

海报以城市地标性建筑和都市人群为主元素,展示现代智慧城市的繁荣发展,体现保险业在现代化社会治理和城市管理中发挥防灾减灾、风险减量的重要作用。
བརྡ་སྦྱོར་འདི་ནི་གྲོང་ཁྱེར་གྱི་གནས་རྟགས་རང་བཞིན་གྱི་བཟོ་སྐྲུན་དང་མི་ཚོགས་ཀྱིས་གྲུབ་ཆ་གཙོ་བོར་བྱས་ཏེ། དེང་རབས་རིག་ནུས་གྲོང་ཁྱེར་གྱི་དར་རྒྱས་གོང་འཕེལ་རྣམ་པ་མིག་ལམ་དུ་བཤམས་ནས། འགན་བཅོལ་ལས་རིགས་ཀྱིས་དེང་རབས་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་དང་གྲོང་ཁྱེར་དོ་དམ་ཁྲོད་གནོད་འགོག་གེགས་སེལ་དང་ཉེན་ཁ་འཕྲི་སེལ་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་མཚོན་ནོ། །

海报主题:开放发展

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ།  སྒོ་དབྱེ་འཕེལ་རྒྱས།

7.8-5-横藏.jpg

建设美好地球家园是全人类的共同梦想,绕行地球的胶片中,一帧帧图片展现出中国保险业敞开胸怀,拥抱世界,尤其在助力共建“一带一路”高质量发展中,打造出维度丰富的保险产品,为建设人类命运共同体贡献中国保险力量。
མཛེས་སྡུག་ལྡན་པའི་ས་གོ་ལའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཐུན་མོང་གི་ཕུགས་འདུན་ཡིན་ཞིང་། ས་གོ་ལའི་མཐའ་ནས་སྐོར་བའི་སྤྱིན་ཤོག་ཐོག་གི་པར་རིས་རེ་རེ་ལས་ཀྲུང་གོའི་འགན་བཅོལ་ལས་རིགས་ཀྱིས་བློ་ཁ་ཕྱེ་ནས་འཛམ་གླིང་ལ་ཁ་ཕྱོགས་པ་མཚོན་ཞིང་། ལྷག་པར་དུ་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད། ཁྱབ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་འགན་བཅོལ་ཐོན་རྫས་བཏོན་ནས། མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཐད་ཀྲུང་གོའི་འགན་བཅོལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་བ་མཚོན་གྱི་ཡོད།



海报主题:保障之盾

བརྡ་སྦྱོར་གྱི་བརྗོད་དོན་གཙོ་བོ།  འགན་སྲུང་གི་ཕུབ།

7.8-6-横藏.jpg

海报以盾牌为主元素,背景为广袤光明的沙画质感的天空、高楼林立的城市、现代化的航空事业、人与自然共生的绿色环境等,盾牌中的心电图波纹代表一颗颗活跃的与世界同步的心跳与愿望,整幅画面寓意保险之盾守护与时代同频共振的初心和使命。
བརྡ་སྦྱོར་འདིའི་རིས་དབྱིབས་གཙོ་བོ་ནི་ཕུབ་ཅིག་ཡིན་པ་དང་། རྒྱབ་ལྗོངས་སུ་འོད་སྣང་འཕྲོ་བའི་བྱེ་བྲིས་རི་མོའི་ནམ་མཁའ་དང་། བ་གམ་དགུང་ལ་སྙེགས་པའི་གྲོང་ཁྱེར། དེང་རབས་ཅན་གྱི་མཁའ་སྐྱོད་བྱ་གཞག  མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལྗང་མདོག་ཁོར་ཡུག་སོགས་ཡོད། ཕུབ་ཀྱི་ལྟེ་བའི་སྙིང་གློག་རླབས་རིས་ལས་འཇིག་རྟེན་འདིའི་ཐོག་གསོན་ཤུགས་ལྡན་པའི་འཕར་ལྡིང་གི་སྙིང་རེ་རེ་དང་རེ་བ་རེ་རེ་མཚོན་པ་དང་། རི་མོ་ཁྱོན་ལས་ཕུབ་ལྟ་བུའི་འགན་བཅོལ་གྱིས་དུས་རབས་དང་ཟློས་མཐུན་མཉམ་འགུལ་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་སྲུང་སྐྱོང་བྱེད་བཞིན་ཡོད་པ་ཤུགས་གིས་བསྟན་ཡོད།